Tibetan Alphabet Picture Book.
བྱིས་པའི་དེབ་ཀྱི་རེ་བ།
བོད་ཀྱི་སྐད་དང་ཡི་གེ་དུས་རྒྱུན་དུ་བཀོལ་སྤྱོད་བྱེད་ཀྱིན་མེད་པའི་ཁོར་ཡུག་ནང་འཚར་ལོངས་འབྱུང་བཞིན་པའི་བོད་ཀྱི་བྱིས་པ་དག་ལ་མཚོན་ན། བོད་རང་གི་སྐད་དང་ཡི་གེའི་རྨང་གཞི་བརྟན་པོ་འཇོག་པའི་གོ་སྐབས་ཧ་ཅང་དཀོན་ལ། དུས་རྒྱུན་གྱི་འཚོ་བའི་ཁྲོད་བཀོལ་སྤྱོད་དེ་བས་ཀྱང་དཀའ་བའི་གནས་སུ་གྱུར་ཡོད། སྤྱིར་བྱིས་པ་སྐྱེས་ནས་རང་ལོ་གསུམ་དང་ལོ་ལྔར་མ་སོན་བར་གྱི་དུས་ནི་བྱིས་པ་ལ་མཚོན་ན་ཕྱིའི་འཇིག་རྟེན་གྱི་བྱ་དངོས་ཡོད་དོ་ཅོག་ངོས་འཛིན་པའི་དུས་རིམ་ཡིན་ལ། དུས་ཡུན་ཐུང་ངུ་འདི་ནི་བྱིས་པའི་བློ་རིག་ཧ་ཅང་གསལ་ཞིང་མྱུར་བའི་དུས་ཡིན་པས། གལ་འགང་ཆེ་བའི་དུས་ཡུན་འདི་འདྲའི་ནང་དུ་ཕ་མ་རྣམས་ཀྱིས་རང་གི་བྱིས་པར་ཕ་སྐད་ཀྱི་རྨང་གཞི་ལེགས་པོ་ཞིག་བསྐྲུན་མ་ཐུབ་པར་སྐད་རིགས་གཞན་དག་རང་སྐད་དུ་ཆགས་བཅུག་ན། ཕྱིས་སུ་ཕ་སྐད་ཀྱི་རྨང་གཞི་ལེགས་པོ་ཞིག་འཇོག་རྒྱུ་དཀའ་བའི་གནས་སུ་གྱུར་འགྲོ་ལ། ད་ལྟའི་ན་གཞོན་ཁྲོད་བོད་ཡིག་བོད་སྐད་མི་ཤེས་མཁན་མང་དུ་འགྲོ་བཞིན་ཡོད་པའི་རྒྱུ་མཚན་ཀྱང་འདི་ལ་ཐུག་ཡོད་པར་སེམས། ཉམ་ཐག་གི་གནས་བབ་འདི་ལེགས་བཅོས་ཡོང་བར་བསམ་བློ་མང་དུ་བཏང་མཐར། དཀའ་ཁག་འདི་སེལ་བར་བྱིས་པས་དགའ་པོ་བྱེད་པའི་རི་མོའི་དཔེ་དེབ་གང་མང་འདོན་རྒྱུ་ནི་ཆེས་ལེགས་ཤོས་སུ་མཐོང་། དཔེ་དེབ་འདི་ནི་སྐྱེས་ནས་ལོ་ལྔའི་བར་གྱི་བྱིས་པའི་བསམ་བློའི་ཆུ་ཚད་དང་མཐུན་པར་རྩོམ་སྒྲིག་བྱས་ཤིང་། དེབ་ཆུང་འདི་ལ་བརྟེན་ནས་ཕྱི་ཡུལ་དུ་ཁ་འཐོར་ངང་གནས་པའི་བོད་ཁྱིམ་དག་ནས་ཕ་སྐད་གཙང་མའི་ལྗང་མྱུག་ཆུང་ཆུང་ཞིག་འབུས་ཐུབ་པའི་སྨོན་འདུན་དང་བཅས།
དོན་འགྲུབ་ཚེ་རིང་ནས།
10/18/18
Tibetan Baby’s First 100 Words Book.
བོད་ཀྱི་བྱིས་པའི་ཆེས་ཐོག་མའི་མིང་ཚིག་བརྒྱ།
དེབ་ཆུང་འདིའི་ནང་དུ། བྱིས་པ་ལོ་ཆུང་ཚོའི་བསམ་བློར་མཐུན་རྒྱུན་བཀོད་ཀྱི་བོད་པའི་མིང་ཚིག་ ༡༠༠ རི་མོ་དང་མཉམ་དུ་འདེམ་སྒྲིག་བྱས་ཡོད་ལ། དེ་ཡང་གོ་རིམ་ལྟར། ནང་མིའི་རྣམ་གྲངས། ལུས་ཀྱི་ཡན་ལག གོན་པ། ཟས་རིགས། རི་དྭགས་དང་། སྒོ་ཕྱུགས། ཁྱིམ་ཆས། འགྲིམ་འགྲུལ། རང་བྱུང་། ཁ་དོག་དང་དབྱིབས་སོགས་ཡོད།
Little monk and he’s Parrot
གྲ་བ་ཆུང་ཆུང་དང་ནེ་ཙོ།
གོང་ས་མཆོག་དང་ཁོང་གི་ནེ་ཙོའི་སྒྲུང་དེ་ཁོང་བྱིས་པའི་དུས་སུ་བོད་ཀྱི་ནོར་བུ་གླང་ཀའི་ནང་དངོས་སུ་བྱུང་བའི་སྒྲུང་ཞིག་ཡིན་ལ། ང་ཚོའི་ཁོང་གི་ཞལ་ནས་ཐེང་མང་པོར་གོ་མྱོང་། ད་ཐེང་ངས་རང་གི་ཤེས་ཚད་འཇོན་ཚད་ཀྱི་བྱིས་སྒྲུང་སུ་བརྩམས་ཏེ་ ་་བྱིས་བའི་དེབ་་ གྱི་ལས་འཆར་གསུམ་པར་དཔར་ཏུ་བསྐྲུན།
Tibetan baby’s first colors and number shape.
ཨང་ཀི། མཚོན་འདོག། དབྱིབས།
དེབ་ཆུང་འདིའི་ནང་དུ་བྱིས་པ་ཆུང་ཆུང་ཚོའི་བློ་ཁ་དང་མཚམས་པའི་ཆེས་ཐོག་མའི་ཨང་ཀི་དང་མཚོན་མདོག༼ཁ་དོག༽ དབྱིབས་དང་གཟུགས་རི་མོ་དང་བཅས་ཡོད་ལ།
Hummingbird and his mom
བྱིའུ་མཐེ་བ་དང་ཁོའི་ཨ་མ།
སྒྲུང་འདི་བོད་ཀྱི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་སྒྲུང་ཞིག་ཡིནལ་། ང་རང་ཆུང་བའི་དུས་ངའི་ཨ་ཁུ་ཁོང་གི་ཞལ་ནས་ཐེབས་མང་པོར་ཉན་མྱོང་། ད་ཐེངས་ངས་རང་གི་ཤེས་ཚད་ཀྱིས་བྱིས་པའི་རི་མོའི་སྒྲུང་དུ་བཅོས་ཏེ། བྱིས་པའི་དེབ་ཀྱི་ལས་འཆར་ལྤ་པར་དཔར་དུ་བསྐྲུན་པ་ཡིན།
Tibetan , Vovels and Alephbet
དབྱངས་དང་གསལ་བྱེད་ངོས་འཛིན།
དེབ་ཆུང་འདི་ནི་ང་ཚོ་བྱིས་པའི་དེབ་ཀྱི་ལས་གཞི་དྲུག་པ་ཡིན། འདིའི་ནང་དུ་བོད་ཡིག་གི་ཆེས་ཐོག་མའི་གོམ་པ་དང་པོ་སྟེ་དབྱངས་གསལ་གཉིས་ངོ་སྤྲོད་དང་སྦྱོར་ཚུལ་བསྟན་ཞིང་། གཞན་དབྱངས་གསལ་རྐྱང་བ་ལས་གྲུབ་པའི་མིང་ཚིག་དག་རི་མོར་འབྲེལ་སྦྱོང་བརྡར་གྱི་ཚུལ་དུ་བཀོད་ཡོད་པས། དེབ་ཆུང་འདི་རྒྱུད་བྱིས་པ་ཚོས་ལས་སླ་བའི་ངང་བོད་ཀྱི་ཡི་གེ་བསླབ་བའི་གོམ་པ་དང་པོ་བདེ་ལེགས་ངང་སྤོ་ཐུབ་ལ། ནང་དོན་ལའང་སློབ་ཚན་གསུམ་དུ་བསྒྲིགས་ཡོད།
Tibetan, Prefix letters and Final Consonant letters.
སྔོན་རྗེས་ཡངས་གསུམ་ངོས་འཛིན།
དེབ་ཆུང་འདི་ནི་ང་ཚོ་བྱིས་པའི་དེབ་ཀྱི་ལས་འཆར་བདུན་པ་ཡིན་ལ། འདིའི་ནང་དུ་བོད་ཡིག་གི་སྔོན་རྗེས་ཡང་གསུམ་ངོ་སྤྲོད། མིང་གཞི་ལ་སྦྱོར་ཚུལ། དེ་དག་ལས་གྲུབ་པའི་རྒྱུན་བཀོད་ཀྱི་མིང་དང་དཔེ་བརྗོད་སོགས་རི་མོ་དང་བཅས་སྦྱོང་བརྡར་གྱི་ཚུལ་དུ་བཀོད་ཡོད།
Tibetan, Headed letter stack and Consonants with vowels.
མགོ་ཅན་གསུམ་དང་འདོགས་ཅན་བཞི་ངོ་སྤྲོད།
དེབ་ཆུང་འདི་ནི་ང་ཚོ་བྱིས་པའི་དེབ་ཀྱི་ལས་འཆར་བརྒྱད་པ་ཡིན་ལ། འདིའི་ནང་དུ་བོད་ཡིག་གི་མགོ་ཅན་གསུམ་དང་འདོགས་ཅན་བཞི་ངོ་སྤྲོད། དེ་དག་ལས་གྲུབ་པའི་རྒྱུན་བཀོད་ཀྱི་མིང་དང་ཚིག་གྲུབ་སོགས་རི་མོ་དང་བཅས་སྦྱོང་བརྡར་གྱི་ཚུལ་དུ་བཀོད་ཡོད།
Running way Rabbit.
རི་བོང་ཅལ་འདྲོག
སྒྲུང་འདི་བོད་ཀྱི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་སྒྲུང་ཞིག་ཡིནལ་། ད་ཐེངས་ངས་རང་གི་ཤེས་ཚད་ཀྱིས་བྱིས་པའི་རི་མོའི་སྒྲུང་དེབ་དུ་བཅོས་ཏེ། བྱིས་པའི་དེབ་ཀྱི་ལས་འཆར་བརྒྱད་པར་དཔར་དུ་བསྐྲུན་པ་ཡིན།
Calf “Yare”.
“ཡ་རུ་”
ཞེས་པའི་རི་མོའི་སྒྲུང་དེབ་འདི་ཉིད། ད་ལྟ་ལོ་ན་ལྔ་ལ་སོན་པའི་ངའི་བུ་མོ་ཚེ་རིང་འཚོས་བྲིས་པ་ཡིན་ལ། སྒྲུང་འདིའི་བྱུང་ཁུངས་ནི་ད་ལོའི་ཟླ༧པའི་མཚན་མོ་ཞིག་ལ་བོད་ནས་ཨ་རིར་སྤྲོ་འཆམ་དུ་བསླེབས་པའི་ཡུལ་མི་ཞིག་དང་ལྷན་ཏུ་ཕ་ཡུལ་ཕྱོགས་ཀྱི་གནས་སྟངས་འགར་ལབ་གླེང་ཅི་འཕྲོས་གནང་སྟེ་ད་ལྟའི་ཆར་ཕ་ཡུལ་མདོ་དབུས་མཐོ་སྒང་གི་ས་ཆ་མང་བོའི་ནང་དུ་གཡག་དང་ཤབ་གཟན་རྣམས་བཙོངས་ཏེ་ཡ་རུ་དང་ལག་ག་མ་གཏོགས་མང་བོ་ལྷག་མེད་པའི་གནས་ཚུལ་ངོ་མའི་སྐོར་ནས་ཁ་བརྡ་ཞིག་བྱས་། སྐབས་དེར་ངའི་བུ་མོས་ཀྱང་རྩེད་མོར་གཡེང་ཞོར་ང་ཚོའི་ཁ་བརྡ་དེར་ཟུར་ཉན་བྱས་ནས་བསྡད་ཡོད། དེ་ནས་མོས་ང་ཚོའི་ཁ་བརྡའི་ནང་དོན་ལ་གཞི་བཅོལ་ཏེ་དྭངས་གཙང་བྱིས་པའི་འཆར་སྒོ་ལས། བདག་པོས་ཡ་རུ་བཙོང་བ། སྒོར་མོ་ལེན་པ། རླངས་འཁོར་ནང་ལ་སྐྱེལ་བ་སོགས་ཀྱི་བརྒྱུད་རིམ་ཆ་ཚང་ཞིག་རི་མོར་བྲིས་ཏེ་ཁྱད་མཚར་རྟོག་བཏེགས་ཀྱི་བྱིས་སྒྲུང་ཞིག་ཏུ་གྲུབ་ཡོད་པར། བྱིས་པ་ཆུང་ཆུང་རྣམས་ཀྱིས་དགའ་བོ་བྱེད་པར་ཐེ་ཙོམ་མེད། དེ་ཕྱིར་ངས་ཀྱང་བུ་མོ་ཆུང་ཆུང་ཁོང་གི་བྱིས་བློར་སྣང་ཚད་འདི་ཉིད་ཁོ་ན་སོར་བཞག་ཐོག་རྩོམ་སྒྲིག་བྱས་ཡོད།
The Secret of Baby Chin.
༼མ་ནེ་ནང་གི་གསང་བ།༽
ཞེས་པ་འདི་བོད་ཀྱི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་བྱིས་པའི་ངག་རྩལ་སྦྱང་ཐབས་ཤིག་ཡིན་ལ། ད་ཐེངས་ངས་རང་གི་ཤེས་ཚད་ཀྱིས་བྱིས་པའི་རི་མོའི་སྒྲང་དེབ་ཏུ་བཅོས་ཏེ། བྱིས་པའི་དེབ་ཀྱི་ལས་འཆར་བཅུ་གཅིག་པ་དཔར་དུ་བསྐྲུན་པ་ཡིན། དེབ་ཆུང་འདི་ཡང་། བོད་ཀྱི་བྱིས་པ་རྣམས་རི་མོ་ནས་སྐད་དང་། སྐད་ནས་ཡི་གེ་བསླབ་པའི་ལམ་སྣེ་ལྟ་བུ་ཡིན། དེབ་ཆུང་འདི་ལ་བརྟེན་ནས་ཕྱི་ཡུལ་གྱི་བོད་ཁྱིམ་དག་ནས་ཕ་སྐད་གཙང་མའི་ལྗང་སྨྱུག་རེ་འབུས་པའི་སྨོན་འདུན་བཅས། དོན་འགྲུབ་ཚེ་རིང་ནས།
The ladybug.
འབུ་བན་དེ།
ཞེས་པའི་སྒྲུང་དེབ་འདི་ནི། ཚེ་རིང་འཚོའི་སྒྲུང་དེབ་གཉིས་པ་དང་། ༼བྱིས་པའི་དེབ༽ཀྱི་ལས་གཞི་བཅུ་གཉིས་པ་ཡིན། སྒྲུང་དེབ་འདི་ཡང་ཚེ་རིང་འཚོ་རང་ཉིད་ཀྱི་འཆར་སྣང་སོར་བཞག་གིས་བསྒྲིགས་ཡོད་ལ། དེ་ཡང་བྱིས་པ་རྣམས་ཀྱིས་འཇིག་རྟེན་གྱི་བྱ་དངོས་ཀུན་ལ་མཐོང་སྣང་དང་ཚོད་དཔག འཆར་སྣང་སོགས་ང་ཚོ་མི་དར་མ་དང་མི་འདྲ་བར། སླད་མེད་དྭངས་གཙང་དང་། ཡང་དག་པ་ཞིག་ཏུ་གནས་ཡོད་སྟབས། ཀློག་མཁན་བྱིས་པ་རྣམ་པར་སྒྲུང་ཐུང་འདིས་སྤྲོ་སྣང་མི་ཉུང་བ་ཞིག་སྤྲོད་པར་གདོན་མི་ཟ། བྱིས་པའི་ཆེས་ཐོག་མའི་སློབ་གསོ་ནི་བྱིས་སྒྲུང་ཡིན་པས། དེབ་ཆུང་འདི་ལ་བརྟེན་ནས་ཕྱི་ཡུལ་གྱི་བོད་ཁྱིམ་དག་ནས་ཕ་སྐད་གཙང་མའི་ལྗང་མྱུག་རེ་འབུས་པའི་སྨོན་འདུན་དང་བཅས།
On Sale
On Sale
Tibetan Alphabet Tracing Card Book
ཀ་ཁ་ལྕགས་ལུང་མ།
རྩེག་རིས་སམ་སྐྱ་ཐིག་གི་བྱེད་ཐབས་སྤྱད་ནས་བོད་ཡིག་འབྲི་སྲོལ་སྤྱོང་བྱེད་། ང་ཚོའི་འདི་ལ་༼ཀ་ཁ་ལྕགས་ལུང་མ༽་ཞེས་ཞུ་གི་ཡོད། རྩེག་རིས། ཡང་ན་སྐྱ་ཐིག་དེད་དེ་རི་མོ་བྲི་བས་སྲོལ་རྒྱུན་འདི་གནའ་སྔ་མོ་ནས་ང་ཚོའི་རིགས་གནས་བཅུའི་ནང་གི་བཟོ་རིགས་པའི་ལྷ་བྲིས་ཀྱི་ཁོངས་སུ་ཡོད། ད་ཐེང་ང་ཚོའི་འདི་རུ་གཞི་རྒྱ་ཅུང་ཆེ་རུ་བཏང་དེ། བོད་ཡིག་གི་ལས་དང་པོ་བ་རྣམས་ལ་བོད་ཡིག་
འབྲི་སྤྱོང་ཐུབ་པའི་སློབ་གསོའི་རྩེད་ཆས་ཞིག་བཟོས་ཡོད། ཤོག་ངོས་རེར་མདུན་རྒྱབ་གཉིས་ལ་གསལ་བྱེད་ཡི་གེ་གཉིས་རེ་བཅས་བཞི་ཡོད་ལ། ཐོག་མར་མ་ཡིག་ལ་གསལ་བོར་ལྟོས་དེ་མིག་ལ་གོམ་སླ་བའི་ཆེད། ཐིག་འཕྲེང་གི་མགོར་མ་ཕྱི་ཡི་གེ་དེ་གསལ་བོར་ཡོདལ། དེ་ནས་སྨྱུག་རིམ་རེ་རེ་བཞིན་དུ་བཀོད་ཡོད་པས། རྩེད་ཆས་འདི་ལ་བོད་ཡིག་འབྲི་སྟང་སྦྱང་བའི་ནུས་པ་ཁྱད་དུ་འཕག་པ་ཞིག་ཡོད། ཁྱོད་ཀྱི་བྱིས་པའི་ལྷོད་ཡང་མེད་པར་བདུན་རེར་ནང་༼ཀ་ཁ་ལྕགས་ལུང་མ༽་འདི་ཐེང་རེ་རྩེད་ཐུབ་ན་མི་རིང་བར་ཁོས་གསལ་བྱེད་སུམ་བཅུ་འཐོག་མེད་དུ་འབྲི་ཐུབ་པར་ང་ཚོས་ཁག་ཐག་བྱས་ཆོག སློབ་བུ་རྣམས་ཀྱི་བརྩོན་པའི་ཀྱོ་བ་དེ་། བྱེད་ཐབས་ཡང་དག་པའི་རིགས་ལམ་གྱི་བསྐྲུན་པའི་ཀ་ཁའི་ལྕགས་ལུང་འདི་ལ་བསྐོན་ཚེ་བོད་ཡིག་གི་འབྲི་སྟང་མ་ཤེས་ཐབས་མེད་ཡིན། རྩེད་ཆསའདིའི་མདུན་རྒྱབ་འགྱིག་དང་བར་ཚང་ཤོག་བུ་ལས་འགྲུབ་ཡོད་སྟབས་སློབ་བུ་རྣམས་ཀྱིས་བྲིས་ནས་སླར་ཡང་ཁྲུས་ཆོག་ལ།
ཁྲུས་ནས་སླར་ཡང་བྲིས་ཆོག
བྱིས་པའི་དེབ་རྩོམས་སྒྲིག་པས།
On Sale
On Sale
Tibetan Alphabet Tracing Card Board
སྦྱང་ཤིང།
སྲོལ་རྒྱུན་ལྟར་ན། སྦྱང་ཤིང་ནི་བོད་ཀྱི་བྱིས་པ་རྣམས་ཆུང་ཆུང་དུས་སུ་བོད་ཀྱི་ཡི་གེ་སློབ་པའི་ལས་ལ་འཇུག་པའི་མཁོ་ཆས་ཆེས་ཐོག་མ་ཡིན་ལ། ལྷག་པར་དུ་བོད་ཀྱི་ཡིག་གཟུགས་ལ་དབུ་ཅན་དབུ་མེད་གཉིས་སུ་ཡོད་པའི་ནང་གི་དབུ་མེད་ཡིག་གཟུགས་སྦྱང་བ་ལ་ཆེས་མེད་དུ་མི་རུང་བ་ནི་སྦྱང་ཤིང་ཡིན། བོད་ཀྱི་སློབ་བུ་ལས་དང་པོ་བ་དེ་ཚོའི་ལོ་འགའི་རིང་གི་འགྲོ་རོགས་འདུག་རོགས་ལྟ་བུ་ཡིན་ལ། སྦྱང་ཤིང་གི་ཐོག་ལ་ཐིག་འཐེན་སྟངས་ལ་མགོ་ཐིག་དང་། དཀྱིལ་ཐིག གཤམ་ཐིག་སོགས་དང་། ད་དུང་སྦྱང་ཤིང་དང་འབྲེལ་བའི་མཁོ་ཆས། སྨྱུག་གུ སྨྱུག་ཁ་བཅའ་སྟངས་སོགས་ལ་ཤིན་ཏུ་རྒྱུས་བ་ཡོད་ཀྱང་འདིར་མི་བཤད།
འདིར་ཆེས་བཤད་པར་སྤྲོ་བ་ནི། ད་ལྟ་དུས་རབས་ཉེར་གཅིག་པའི་ནང་དཔལ་འབྱོར་དང་མཐུན་རྐྱེན་སོགས་ཡར་རྒྱས་སུ་ཕྱིན་ཏེ། སློབ་མའི་སློབ་སྦྱོང་བྱེད་སྟངས་དེ་ཡང་མི་རིགས་ཀྱི་སྲོལ་རྒྱུན་ལས་རྒལ་ཏེ་འབྲི་དེབ་དང་མྱུ་གུའི་ཚབ་ལ་གློག་ཀླད་དང་ཁ་པར། སློབ་ཁང་གི་ནག་པང་དང་སྦྱང་ཤིང་གི་ཚབ་ལ་གློག་ཡོལ་དང་བརྙན་པར་སོགས་བཀོལ་ནས་འགྲོ་བཞིན་པའི་དུས་རབས་འདིར། ང་ཚོས་ཅིའི་ཕྱིར་དུས་རབས་རྙིང་བའི་ནང་བྱུང་བའི་སློབ་མའི་མཁོ་ཆས་ཆུང་ཆུང་དེ་ལ་གདེང་འཇོག་ཆེན་པོ་བྱེད་པ་དེ་ཡིན། སྤྱིར་ན་མི་རིགས་གང་ཡིན་ཡང་རང་རང་གི་སྲོལ་རྒྱུན་དང་གོམས་གཤིས་བཟང་བོ་གང་ཡོད་པ་དེ་མི་ཉམས་རྒྱུན་སྐྱོང་བྱས་ཏེ་སོ་སོའི་མི་རབས་རྗེས་མར་འཁོ་སྤྲོད་བྱེད་རྒྱུ་ནི་རང་ཉིད་མི་རིགས་དེར་སྐྱེས་པའི་འགན་དབང་ལྟ་བུ་རེད། ང་ཚོའི་བོད་མི་རིགས་འདི་ཡང་ཕྱི་དངོས་པོ་ཡར་རྒྱས་ཀྱི་ཐད་ལ་དེ་ཙམ་ཞིག་མེད་ན་ཡང་། ནང་བསམ་བློ་ཡར་རྒྱས་ཀྱི་ཐད་ལ་ཧ་ཅང་ཚད་མཐོ་སར་སླེབས་ཡོད་ཅེས་བཤད་ཆོག་ལ། དེ་དང་འབྲེལ་བའི་གོམས་གཤིས་དང་ཀུན་སྤྱོད་བཟང་བོ་གང་མང་མང་ཞིག་ཅིང་སྲོལ་རྒྱུན་ལྟར་དར་ཁྱབས་སུ་སོང་ཡོད། སྲོལ་རྒྱུན་དེ་དག་དང་འབྲེལ་བའི་རྒྱུན་བཀོལ་ཀྱི་དངོས་བོ་ཡང་གང་མང་ཞིག་ཡོད་པས། སྦྱང་ཤིང་ཡང་དེའི་ནང་གི་ཆེས་མངོན་ཆུང་གི་དངོས་བོ་ཞིག་ཡིན་།
དེང་སང་གི་སློབ་གྲྭའི་མཁོ་ཆས་དེ་དག་ལས་བྱུང་བའི་སློབ་མའི་ཞན་ཆ་གཙོ་བོ་འགའ་དང་བོད་ཀྱི་སྦྱང་ཤིང་གི་ཕན་ཡོན་སྐོར་ལ་ཚིག་འགའ་བཤད་ན། དུས་རབས་ཉེར་གཅིག་པའི་ནང་མི་རྣམས་བརྩོན་པ་ཧ་ཅང་ཆུང་ལ། ལེ་ལོ་དང་རྒྱུད་ལུགས་ཆེ་བའི་ཐོག་གློག་ཀླད་འཕྲུལ་ཆས་ཀྱི་མཐུན་རྐྱེན་ཤིན་ཏུ་མོད་པས་ན། རྐྱེན་དེ་དག་ལ་བརྟེན་ནས། ཤེས་བྱ་ཡོན་ཏན་དག་རང་གི་བློ་ངོར་སྦྱོར་བའི་གོམས་གཤིས་དེ་ཉུང་རུ་འགྲོ་བཞིན་ཡོད། གློག་ཆས་དེ་དག་ལ་བློ་ཁེལ་རྒྱུ་མང་དྲག་པའི་དབང་གིས་དཔེར་ན། སློབ་མཐར་ཕྱིན་ལ་ཉེ་བའི་ཞིབ་འཇུག་སློབ་མ་ཞིག་གི་གློག་ཀླད་ལ་སྐྱོན་ཤོར་ཏེ་དེའི་ནང་གི་ཡོད་ཚད་རྩ་མེད་དུ་གྱུར་བ་ན། རང་ཉིད་མལ་སར་ལྷུང་སྟེ་ཡོད་ཚད་སྟོངས་སང་ངེར་གྱུར་འགྲོ་བ་ལྟ་བུ་ལས་ཐབས་གཞན་མེད་ཚོད་གདའ། དཔེ་མཚོན་འདི་ལ་བལྟས་ན་སློབ་མ་དེས་ལོ་དུ་མར་སྦྱངས་པའི་ཤེས་བྱ་ཡོན་ཏན་དག་གློག་ཀླད་དེའི་ནང་གསོག་འཇོག་བྱས་ཡོད་པ་ལས་རང་ཉིད་ཀྱི་ཀླད་པའི་ནང་ཅི་ཡང་སྦྱོར་ཐུབ་མེད།
ད་ལྟའི་ཆར་བོད་ཡིག་བརྡ་འཕྲིན་ཁྲོད་དུ་ཚད་གཞི་དེར་སླེབ་མེད་ནའང་། སྐད་ཡིག་གཞན་པའི་རིགས་གློག་ཀླད་ནང་འབྲི་སྐབས་བརྡ་སྤྲོད་དང་དག་ཆ་ནོར་སྐྱོན་ཤོར་ཚེ་གློད་ཀླད་ཀྱིས་བཟོ་བཅོས་བྱེད་ཀིན་ཡོད་ལ། རང་ཉིད་ཀྱི་རྩོལ་བ་དང་ཀླད་པ་བེད་སྤྱོད་བྱེད་མི་དགོས་པའི་མཐུན་རྐྱེན་འདི་ལ་བརྟེན་ནས་དེང་སང་གི་སློབ་མའི་ཁྲོད་ཡི་གེའི་དག་ཆ་ཡག་པོ་ཡོད་མཁན་ཧ་ཅང་ཉུང་བར་སེམས། ང་ཚོ་འགྲོ་བ་མིའི་རིགས་ལ་ནུས་ཤུགས་མཐའ་མེད་པའི་དབང་བོ་ཞིག་ཡོད་པ་ནི་མིའི་ཀླད་པ་དེ་ཡིན་ལ་དེ་བེད་སྤྱོད་ཡག་པོ་བྱེད་མ་ཐུབ་པ་འམ་ཡང་ན་བེད་སྤྱོད་ལོགས་པར་གཏོང་བ་ནི་མིའི་རིགས་ཀྱིས་རང་ལ་བཟོས་པའི་ནག་ཉེ་ཆེ་ཤེས་དེ་ཡིན།
སྦྱང་ཤིང་ལ་མཚོན་ན། དགེ་སློབ་གཉིས་ཀྱི་ངོས་ནས་བཤད་ནའང་། དེ་འདྲའི་བཀོལ་སྤྱོད་བདེ་བོ་གཏན་ནས་མིན་ལ། འཁྱེར་བདེ་བོ་དང་སྙིང་རྗེ་བོ་དེ་ལས་ཀྱང་མིན་མོད། འོན་ཀྱང་ང་ཚོའི་ངེས་བར་དུ་ཤེས་དགོས་པ་ཞིག་ལ་ཤེས་བྱ་ཡོན་ཏན་གྱི་རིགས་གང་ཡིན་ཡང་སེམས་ནང་ལ་གཏན་འཇགས་སུ་སྦྱོར་དགོས་ན་དེ་དག་ཡང་དང་ཡང་དུ་ལུས་ངག་ཡིད་གསུམ་གྱིས་བསྐྱར་བཟློས་སམ་སྦྱང་བ་གང་མང་བྱེད་དགོས་། དེ་ལྟར་བྱས་ནས་སྦྱང་བ་གང་མང་བྱས་པའི་ཡིག་གཟུགས་དང་དག་ཆ་དོན་དག་གང་ཤེས་པ་དེ་སློབ་བུ་རང་ཉིད་ཀྱི་སེམས་སུ་གཏན་འཇགས་སུ་འབྱར་འགྲོ་ལ། སྦྱང་ཤིང་ལ་བྱིས་པ་ཆུང་ཆུང་ཚོར་དོན་དེ་དག་ལེགས་པར་བསྐྲུན་པའི་ནུས་པ་ཆ་ཚང་ཡོད། མི་རིགས་གཞན་པས་ཀྱང་བོད་ཀྱི་སྦྱང་ཤིང་གི་སློབས་གསོའི་བྱེད་ཐབས་འདི་བཀོལ་ཐུབ་ན་ཧ་ཅང་བཟང་། དེ་བས་ཀྱང་སྦྱང་ཤིང་ལ་དེ་རིང་གི་དུས་ཀྱི་གོ་ལ་ཟླུམ་པོའི་དཀའ་ངལ་ཆེ་ཤེས་ཤིག་ལ་མི་མངོན་པའི་ངང་གདོང་ལེན་བྱེད་ཐུབ་པའི་ནུས་པའང་ཡོད་། གང་ཡིན་ཟེར་ན་ནུབ་ཕྱོགས་པའི་ཁ་དཔེ་ལའང་་ཤོག་བུ་བཀོད་སྤྱོད་ཉུང་ན། ཤིང་སྡོང་སྐྱོབས་གི་ཡོད་་ ཟེར་བ་ལྟར། འཇིག་རྟེན་ཐོག་གི་ཤིང་ནགས་གཅོད་འབྲེག་ཚད་ལས་རྒལ་པས་རྐྱེན་གྱིས་འཛམ་གླིང་སྟེང་མཁོར་ཡུག་ལ་འགྱུར་བ་སོང་སྟེ་། འབྱུང་བཞིའི་གནོད་སྐྱོན་གྱིས་མི་ཟོག་མང་པོར་གོལ་ཆག་བྱུང་དང་འབྱུང་གིན་པ་དེ་རེད་།
ང་ཚོའི་རང་གི་མེས་པོ་དམ་པ་ཚོས་བཞག་པའི་སློབ་སྦྱོང་གི་མཁོ་ཆས་ཆུང་ཆུང་དེ་དུས་རབས་ཉེར་གཅིག་པའི་འགྲོས་དང་མཐུན་པར་གསར་བཟོ་བྱས་ཡོད་། ང་ཚོའི་གསར་བཟོ་བྱས་པའི་བོད་ཀྱི་སྤྱང་ཤིང་འདི་ལ་དམིགས་བསལ་ཁྱད་ཆས་གང་མང་ཞིག་ཡོད་པའི་ནང་གི་གཙོ་བོ་འགའ་བརྗོད་ན། སྦྱང་ཤིང་འདི་ལ་སྲོལ་རྒྱུན་གྱི་སྦྱང་ཤིང་བཞིན་ཉིན་ལྟར་ཐིག་འཐེན་མི་དགོས་ལ། སྣག་ཚ་ཡང་བྱུག་མི་དགོས། ཕྱོགས་ངོས་ཞིག་ན་དབུ་ཅན་དང་། ཕྱོགས་གཞན་པར་དབུ་མེད་སུག་རིང་གི་གསལ་བྱེད་སུམ་བཅུ་བོ་སྟོང་ཆའི་ཚུལ་དུ་ཡོད། བྱིས་པའི་ལོ་ལ་ངེས་མེད་ཀྱི་བཀོལ་སྤྱོད་བྱེད་ཆོག་ལ། ང་ཚོའི་གསར་བཟོ་བྱས་པའི་སྦྱང་ཤིང་འདིའི་རྒྱུ་ཆ་ནི། རྫས་རིགས་ཀྱི་མ་སླད་པའི་ཟས་སྣོད་ཀྱི་རིགས་ལ་བཀོལ་ཆོག་པའི་འགྱིག་གི་རིགས་ཡག་ཤེས་དེ་ཡིན་པས་། བྱིས་པའི་བདེ་ཐང་ལ་ཡང་གནོད་པ་མེད་པར་རྒྱུ་ཆ་ཕུན་སུམ་ཚོགས་པ་ཡིན།
མཐར་སྡོམ་དུ། ང་ཚོའི་གསར་བཟོ་བྱས་པའི་བོད་ཀྱི་སློབ་ཆས་འདི་ལ་རྟེན་ནས་བོད་ཡིག་ལས་དང་པོ་རྣམས་ཀྱི་ཕན་འབྲས་མི་ཉུང་བ་ཞིག་ལེན་ཐུབ་པར་སྨོན།
Tibetan dog
- Soft and Comfortable lifelive Simulation Tibetan Mastiff Dog model, Exact eye and skin details make you feel the charm of real animal! Exquisite design and hand paint process, make it Historically realistic. Give you a realistic visual and tactile experience
- Safe Material: Simulated animal is made of rabbit fur and polyethylene hard shell,safe non-toxic harmless to the human body. Size: height 13 cm, length 12 cm, width 8 cm
- Best Gift: Excellent details, According to the tibetan mastiff Dog's usual expression and action, simulation dog are also in different lifelike forms.wonderful present for kids in any occasion